ཆུང་མ་གུང་གསང་ལ་ཕྱིན་སོང

འགྲོ་ཁར་ཁ་འཁོན་ཞིག་ཀྱང་བྱས་ཟིན།

 

ངས་ཁེར་རྐྱང་ལ་སྙན་ངག་འབྲི་བཞིན་ཡོད

ནམ་མཁའ་ལ་བལྟས་ཏེ་ཀུ་རིང་ཞིག་བཏབ་པས

གནའ་སྔ་མོའི་རང་དབང་དེ་ག་ལེར་སླེབས་སོང

མཚན་མོའི་ལྷིང་འཇགས་དང་མཉམ་དུ

ངས་རང་དབང་གིས་སྙན་ངག་འབྲི་བཞིན་ཡོད།

 

ཁ་པར་གྱི་དྲིལ་བརྡ་གྲག་བྱུང

ཧ་ཅང་རྒྱུས་མངའ་ལྡན་པའི་སྐད་ངག་ཅིག

ཡུན་རིང་ལ་མ་གོ་བའི་སྐད་ངག་ཅིག

ཡུན་གྱིས་གྲག་བྱུང་།

 

ངའི་ཆུང་མ་གུང་གསང་ལ་ཕྱིན་པ་གོ་འདུག་མོད

ང་རང་ལྷིང་འཇགས་ལ་དུང་བ་ད་དུང་ཤེས་མི་འདུག

གནའ་གཏམ་ཞིག་གི་མགོ་བརྩམས་སོང

རེ་བ་ཞིག་གི་མཇུག་གླེང་སོང་།

 

འགྱོད་པ་ཞིག་དང་མཉམ་དུ་ངའི་སྙིང་ལྡིང་གིན་འདུག

སྐད་ཆ་དེ་ཇི་ལྟར་བཤད་པ་རང་གིས་ཀྱང་མ་ཚོར་ལ

འགྱོད་པ་དེ་གང་ནས་ཡོང་བའང་མ་ཤེས

ག་ལེར ག་ལེར

ངའི་ལྷིང་འཇགས་ཀྱི་མཚན་མོ་ཁ་སང་གི་འཚོ་བར་འཐུམས་སོང།

འདོན་སྤེལ།: ༢༠༡༡/༠༢/༡༧

  • loading
Pages to the People

ངས་ནམ་ཡང་བརྗེད་མི་ཐུབ་པ་ཁྱོད་ཡིན།། ངས་ནམ་ཡང་བརྗེད་མི་ཐུབ་པ་ཁྱོད་ཡིན།།