མདུན་ངོས་སུ་ཕེབས་ན་མདའ་རྩེ་ནས་ནོན།

     ༄༅།། ང་རང་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་ཞུགས་པའི་གོ་སྐབས་ཐོབས་ནའང་། སློབ་གྲྭར་སོང་བའི་ལོ་རྒྱུས་ཙམ་ལས་སློབ་གྲྭ་ནས་སྦྱངས་བའི་ཡོན་ཏན་དང་འབྲས་བུ་ཅི་ཡང་སྟོན་རྒྱུ་མེད། གོ་གསུམ་ལོར་མཚོ་ལྷོ་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེས་སྤྲད་པའི་མཐར་ཕྱིན་འཛིག་ཡིག་ཁྱེར་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་སོང་། མཐའ་སྲུང་དམག་ལའང་མ་སྤྲད་པའི་རང་གི་མཐར་ཕྱིན་འཛིག་ཡིག་དེར་སྲོག་བཞིན་གཅེས་མྱོང་ལ་སློབ་སྦྱོང་གི་འབྲས་བུར་ཡང་བློམ་མྱོང་། བོད་གཞུང་གིས་དེ་ལ་ངོས་ལེན་མེད་ཅེས་ངའི་མཐར་ཕྱིན་འཛིན་ཡིག་གད་སྙིགས་ནང་ལ་གཡུག་པའི་ཚབ་ལ། ས་རྭ་སློབ་གྲྭས་རིག་གནས་རབ་འབྱམས་པའི་མིང་བྱང་ཞིག་སྤྲད་ནའང་། གོ་དགུ་ལོར་ཕྱི་རྒྱལ་ལ་འགྲོ་ཁར་དེ་ལའང་སུ་ཞིག་གིས་ངོས་ལེན་མེད་ཟེར་རྒྱུ་ཡིན་པ་སྔོན་དཔག་བྱེད་ཐུབ་པས། རང་ཉིད་ཀྱིས་གད་སྙིགས་ནང་ལ་གཡུག་ཟིན།

ད་དུང་ང་ལ་སུས་ཀྱང་ངོས་ལེན་བྱེད་ཐུབ་པའི་ཤོག་བུ་ཞིག་སྟོན་རྒྱུ་མེད་མོད། མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་སུ་ལ་ཐུག་ནའང་ལོ་ཙྭ་བ་མི་དགོས་བར་བོད་སྐད་ཀྱིས་གོ་བརྡ་སྤྲོད་ཐུབ་པའི་ཁ་སྐད་གཙང་མ་ཞིག་ངའི་ངག་ལ་འབྱར་ཡོད་པས། དེ་ནི་རང་གི་ཡོན་ཏན་ཡིན་པའི་ཡིད་ཆེས་ཡོད་ལ་སྤོབས་པའང་ཡོད།

ཡུལ་གྱར་བའི་དུས་དེབ་དང་ཚགས་ཤོག་ཁ་ཤས་ཀྱི་ཐོག་ལ་སྐྱབས་བཅོལ་བའི་རྩོམ་ཡིག་འགའ་རེ་བྲིས་མྱོང་མོད་རླུང་གིས་འཁུར་ཆོག་ཆོག་ཅིག་ལས་སྲ་བརྟན་གྱི་སྲོག་ཤིང་ཅི་ཡང་མེད། 

Pages to the People

ངས་ནམ་ཡང་བརྗེད་མི་ཐུབ་པ་ཁྱོད་ཡིན།། ངས་ནམ་ཡང་བརྗེད་མི་ཐུབ་པ་ཁྱོད་ཡིན།།